Saturday, May 12, 2018

A Brief Description of Langdra Ney or the Sacred Place called Langdra under Wangdiphodrang district

གནས་ཡིག་ཕྱོགས་བསྡུས་ལས།

༉ སྒྲུབ་གནས་ཀུན་གྱི་རྒྱལ་པོ་ཁྱད་འཕགས་དེ།།

ཌཱཀྐི་མ་རྣམས་རང་བཞིན་འདུ་བའི་གནས།།

རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་འདི།།

གནས་ཆེན་དམ་པ་སྦས་ཡུལ་གླང་བྲག་ཞེས།།

 རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་མཚུངས།།

ལུང་ལྔ་གླིང་གཅིག་ལྗོངས་གསུམ་གངས་ཆེན་བཞི།།

གནས་ཆེན་བརྒྱ་དང་སྟོང་དུ་གཏེར་དུ་སྦས།།

རི་འབུར་ཐམས་ཅཐ་རིན་ཆེན་གཏེར་གྱིས་གང་།།

གནས་ཆེན་ཁྱད་པར་འཕགས་པའི་བྲག་གི་ནང་།།

འདི་ནང་གནས་པའི་རྣལ་འབྱོར་གང་ཡིན་ཀྱང་།།

སྒྲུབ་པ་པོ་ལ་དངོས་གྲུབ་རྣམ་གཉིས་འབྱུང་།།

སྒྲུབ་པ་བྱས་པས་མི་སྒྲུབ་གང་ཡང་མེད།།

ནམ༌ཞིག༌འཆི༌བའི༌དུས༌སུ༌བྱུང༌བའི༌ཚེ།།

ཤ༌ཁྲག༌ཕུང༌པོ༌འཇའ༌ཚོན༌ངོ༌བོར༌གྱུར།།

གཉུག༌མའི༌སེམས༌དེ༌མཁའ༌སྤྱོད༌གནས༌སུ༌འགྲོ།།

མ༌སྒོམ༌སངས༌རྒྱས༌ཡིན༌པར༌ཐེ༌ཚོམ༌མེད།།

རྒྱབ༌རི༌ཨུ༌རྒྱན༌པདྨའི༌ཁྲི༌བཞུགས༌འདྲ།།

མདུན༌རི༌གསེར༌གྱི༌མཎ༌ཌལ༌ཕུལ༌བ༌བཞིན།།

 གཡས༌རི༌གཡོན༌རི༌པཎ༌ཌི༌གྲལ༌བཞུགས༌འདྲ།།

 ལྗོན༌ཤིང༌ཐམས༌ཅད༌མཆོད༌པའི༌ལྷ༌མོ༌འདྲ།།

 སྤྲ༌དང༌སྤྲེའུ༌ཡངས༌རྩལ༌སྦྱོངས༌པ༌དང༌།།

བྱ༌དང༌བྱིའུ༌སྐྱོ༌སྐད༌སྣ༌ཚོགས༌འདོན།།

རྣམ༌རྒྱལ༌ལྷ༌ཡི༌སྒྲུབ༌གནས༌ཁྱད༌འཕགས༌འདི།།

བདེ༌ཅན༌ཞིང༌དང༌དངོས༌སུ༌དཔེ༌འདྲ༌བའི།།

མ༌བཞེངས༌རང༌བྱུང༌ལྷུན༌གྱིས༌གྲུབ༌པའི༌གནས།།

རང༌བཞིན༌ལྷུན༌གྲུབ༌རི༌བོ༌མཆོག༌རབ༌འདི།།

རྩ༌བ༌གཙུག༌ན༌རྒྱལ༌པོའི༌གནས༌སུ༌ཡིན།།

རྩེ༌མོ༌རི༌རྒྱལ༌དགུང༌དུ༌བསྙེགས༌འདྲའི༌ནང༌།།

ལྷ༌ཡི༌དབང༌པོ༌བརྒྱ༌བྱིན༌གཙོར༌མཛད༌པའི།།

ལྷ༌ཡི༌བུ༌མོ༌མན༌ན༌ཀ༌འཁོར༌བཅས།།

ཉིན༌མཚན༌མེད༌པར༌རྩེ༌འཇོ༌བྱེད༌པའི༌སར།།

གཟའ༌སྐར༌གྲུབ༌སྦྱོར༌དུས༌ཆེན༌བཟང༌པོའི༌སྐབས།།

ལྷ༌དང༌ཀླུ༌རྣམས༌གཙང༌ཁྲུས༌བྱེད༌པའི༌ཆུ།།

སྒྲུབ༌ཕུག༌ཡ༌མཚན༌ཅན༌གྱི༌ཕུག༌ན༌ཡོད།།

སྐེད༌པ༌གཟི༌བརྗིད༌ལྷུན༌སྟུག༌ཆགས༌པའི༌ནང༌།།

ཉིན༌མཚན༌མེད༌པར༌དཔའ༌བོ༌དཔའ༌མོའི༌ཚོགས།།

ཆོས༌ཀྱི༌འཁོར༌ལོ༌རྒྱུན༌ཆད༌མེད༌པར༌བསྐོར།།

སྒྲུབ༌ཕུག༌ཡ༌མཚན༌ཅན༌གྱི༌གཡོན༌ཕྱོགས༌ནས།།

འཆི༌མེད༌ཚེ༌ཡི༌ཆུ༌རྒྱུན༌རྒྱུན༌དུ༌འབབས།།

བཏུང༌བ༌ཙམ༌གྱིས༌ཚེ༌ལོ༌བརྒྱ༌པ༌ཐུབ།།

དབེན༌པ༌གསུམ༌དང༌ལྡན༌པའི༌སྒྲུབ༌གནས༌ནང༌།།

ཕྱོགས༌བཅུའི༌བདེ༌གཤེགས༌རང༌བཞིན༌འདུ༌བའི༌གནས།།

གནས༌དེར༌ཕྱིན༌པ༌ཙམ༌གྱིས༌བྱང༌ཆུབ༌ཐོབ།།

དྲན༌པ༌ཙམ༌གྱིས༌ངན༌སོང༌སྐྱེ༌སྒོ༌བཅད།།

མཐོང༌ཐོས༌ཙམ༌གྱིས༌འཁོར༌བའི༌འཇིགས༌ལས༌གྲོལ།།

 མཇལ༌བ༌ཙམ༌གྱིས༌ཚེ༌རབས༌སྡིག༌སྒྲིབ༌དག།

བསྙེན༌སྒྲུབ༌བྱས༌ན༌ཡི༌དམ༌དངོས༌སུ༌མཇལ།།

ཉམས༌རྟོགས༌གོང༌དུ༌འཕེལ༌ཞིང༌རྟོགས༌པ༌རྒྱས།།

༼འབྱུང་ཁུངས་་་་་འབྲུག་གི་སྣོད་བཅུད་འཚོ་སྲུང་རྣམ་གཞག རྡོ་རྗེ་གླིང་པའི་གཏེར་མ་སྦས་ཡུལ་གླང་བྲག་གནས་ཡིག་ལས་བཏོན་ ཤོག་གྲངས་༢༥༧༽
BAYLANGDRA NYE - A place where I found myself closer to heaven
Photo by: Jambay Dorji,   BAYLANGDRA NYE - A place where I found myself closer to heaven
http://www.jambaydorji.com/2016/10/baylangdra-nye-place-where-i-found.html

The description of the sacred place in Dzongkha text is to be soon translated into English by the blogger for convenience wider readerships.